当前位置: 首页 / 翻译园地

阿坝州文明行为促进条例条例藏文

发布时间:2023-12-27
字体:
访问量:
来源:州编译局
分享到:

SourceURL:file:///home/user/Desktop/网站更新/阿坝州文明行为促进条例/条例藏文(最后).docx

༄༅།།རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་གྱི་ཡ་རབས་

སྤྱོད་ཚུལ་ལ་སྐུལ་སྤེལ་གཏོང་བའི་སྲོལ་ཡིག

2022ལོའི་ཟླ་8ཚེས་25ཉིན་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ལྔ་འི་ཐོག་གྲོས་འཆམ་བྱུང་ཞིང་།2022ལོའི་ཟླ་9ཚེས་30ཉིན་སི་ཁྲོན་ཞིང་ཆེན་སྐབས་བཅུ་གསུམ་པའི་མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་སོ་བདུན་པའི་ཐོག་ཆོག་མཆན་སྤྲད།  

དཀར་ཆག

ལེའུ་དང་བོ  སྤྱིའི་དོན་ཚན།

ལེའུ་གཉིས་པ།  དར་སྤེལ་དང་ཚད་ལྡན་གཏོང་བའི་སྐོར།

ལེའུ་གསུམ་པ།  ལྟ་སྐུལ་དང་བཅོས་སྐྱོང་བྱེད་པའི་སྐོར།

ལེའུ་བཞི་  འགན་སྲུང་དང་སྐུལ་སྤེལ་བྱེད་པའི་སྐོར།

ལེའུ་ལྔ་  ཁྲིམས་འབྲེལ་འགན་འཁྲིའི་སྐོར།

ལེའུ་དྲུག་པ།  ཞར་བྱུང་དོན་ཚན།

ལེའུ་དང་བོ།  སྤྱིའི་དོན་ཚན།

དོན་ཚན་དང་བོ།སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྐྱེད་སྲིང་དང་ལག་ལེན་བསྟར་ནས་ཡ་རབས་སྤྱོད་ཚུལ་ལ་ཁྲིད་སྟོན་དང་སྐུལ་སྤེལ་གཏོང་བ་དང་།སྤྱི་དམངས་ཀྱི་དཔལ་ཡོན་བྱང་ཚད་དང་སྤྱི་ཚོགས་ཀྱི་དཔལ་ཡོན་ཆུ་ཚད་མཐོ་རུ་གཏོང་ཆེད།འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་གཞིར་བཟུང་ནས་རྔ་་བོད་རིགས་ཆའང་རིགས་རང་སྐྱོང་ཁུལགཤམ་དུ་རང་སྐྱོང་ཁུལ་ཞེས་བསྡུ་རྒྱུགྱི་དོན་དངོས་དང་ཟུང་འབྲེལ་བྱས་ནས་སྲོལ་ཡིག་འདི་བཟོས་པ་ཡིན།

དོན་ཚན་གཉིས་པ།རང་སྐྱོང་ཁུལ་གྱི་སྲིད་འཛིན་ས་ཁོངས་ནང་གི་ཡ་རབས་སྤྱོད་ཚུལ་ལ་སྐུལ་སྤེལ་གཏོང་བའི་བྱེད་སྒོ་ལ་སྲོལ་ཡིག་འདི་སྤྱད་འཐུས།

སྲོལ་ཡིག་འདིའི་ནང་འཁོད་པའི་ཡ་རབས་སྤྱོད་ཚུལ་ཅེས་པ་ནི་སྤྱི་ཚོགས་རིང་ལུགས་ཀྱི་ཀུན་སྤྱོད་བླང་བྱ་དང་མཐུན་པ་དང་།སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་མཚོན་པ།སྤྱི་པའི་སྒྲིག་ལམ་དང་གོམས་སྲོལ་བཟང་པོ་སྲུང་སྐྱོང་བྱེད་པ།སྤྱི་ཚོགས་ཀྱི་དར་སྲོལ་ལ་སྣེ་ཁྲིད་བྱེད་པ།སྤྱི་ཚོགས་ཡར་ཐོན་ལ་སྐུལ་སྤེལ་གཏོང་བ་བཅས་ཀྱི་སྤྱོད་ཚུལ་ལ་ཟེར།

དོན་ཚན་གསུམ་པ།ཚུལ་མཐུན་གྱི་སྤྱོད་ཚུལ་སྐུལ་སྤེལ་གཏོང་བའི་ལས་དོན་ཐད་ཁྲིམས་སྐྱོང་དང་སྤྱོད་བཟང་གིས་སྐྱོང་བ་ཟུང་འབྲེལ་དང་།དར་སྤེལ་དང་བཅོས་སྐྱོང་ཟུང་འབྲེལ།རང་གཅུན་དང་གཞན་གཅུན་ཟུང་འབྲེལ།ཏང་ཨུ་ཡིས་གཅིག་གྱུར་འགོ་ཁྲིད་དང་།སྲིད་གཞུང་གིས་སྒྲིག་འཛུགས་དང་ལག་བསྟར།སྡེ་ཚན་གྱིས་རང་འགན་རང་འཁུར།སྤྱི་ཚོགས་ཀྱིས་མཉམ་དུ་སྐུལ་འདེད།མང་ཚོགས་མཉམ་དུ་ཞུགས་པ་བཅས་ཀྱི་ལས་ཀའི་ལམ་སྲོལ་བཙུགས་ཏེ་དམངས་ཡོངས་ཞུགས་པ་དང་ཁྱབ་ཁོངས་ཡོངས་སུ་གསར་གཏོད་བྱེད་པའི་ལས་ཀའི་རྣམ་པ་ཞིག་ཆགས་པ་བྱེད་དགོས།

དོན་ཚན་བཞི་བ།རང་སྐྱོང་ཁུལ་དང་།རྫོང་གྲོང་ཁྱེརགི་བསམ་པའི་དཔལ་ཡོན་འཛུགས་སྤེལ་སློབ་སྟོན་ལས་ཁུངས་ཀྱི་འགོ་ཁྲིད་འོགཡ་རབས་སྤྱོད་ཚུལ་ལ་སྐུལ་སྤེལ་གཏོང་བའིལས་ཀར་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་སྤེལ་གཏོང་དགོས།

དོན་ཚན་ལྔ་བ།རང་སྐྱོང་ཁུལ་དང་རྫོང་གྲོང་ཁྱེརམི་དམངས་སྲིད་གཞུང་གིས་ཡ་རབས་སྤྱོད་ཚུལ་ལ་སྐུལ་སྤེལ་གཏོང་བའི་ལས་ཀ་དེ་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བའི་འཆར་འགོད་ནང་དུ་འཇོག་དགོས་པ་དང་།དེར་དགོས་པའི་གྲོན་དངུལ་རྣམས་རིམ་པ་གཅིག་མཚུངས་ཀྱི་སྔོན་རྩིས་ནང་དུ་འགོད་དགོས།

དོན་ཚན་དྲུག་པ།རང་སྐྱོང་ཁུལ་དང་རྫོང་གྲོང་ཁྱེརམི་དམངས་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཁག་དང་ཡུལ་ཚོགྲོང་རྡལམི་དམངས་སྲིད་གཞུང་གིས་རང་རང་གི་འགན་འཁྲི་ལྟར་ཡ་རབས་སྤྱོད་ཚུལ་ལ་སྐུལ་སྤེལ་གཏོང་བའི་ལས་ཀ་ལེགས་པར་བསྒྲུབ་དགོས།

གྲོང་སྡོདདམངས་ཨུ་ཡོན་ལྷན་ཁང་དང་།སྡེ་ཁུལ་གྱི་ཁང་བདག་ཨུ་ཡོན་ལྷན་ཁང་གིས་གྲོང་སྲོལ་དམངས་ཆིངས་དང་།གྲོང་མིའི་སྤྱི་ཆིངས།ཁང་བདག་གི་སྤྱི་ཆིངས་བཅས་སྒྲིག་འཛུགས་དང་ལག་བསྟར་བྱས་ཏེ།ཡ་རབས་སྤྱོད་ཚུལ་ལ་ཁྲིད་སྟོན་དང་།མ་རབས་སྤྱོད་ཚུལ་ལ་བཀག་སྡོམ་བསླབ་བྱ།ཡ་རབས་སྔོན་ཐོན་དཔེ་བཟང་དྲིལ་བསྒྲགས་བཅས་བྱེད་དགོས།

དོན་ཚན་བདུན་པ།སྤྱི་དམངས་དང་།ཁྲིམས་མི།རྩ་འཛུགས་གཞན་དག་བཅས་ཀྱིས་ཡ་རབས་སྤྱོད་ཚུལ་ལ་སྐུལ་སྤེལ་གཏོང་བའི་བྱེད་སྒོར་ཧུར་ཐག་ཞུགས་ཏེ་མ་རབས་སྤྱོད་ཚུལ་ལ་བཀག་འགོག་བྱེད་དགོས།

རྒྱལ་ཁབ་ཀྱི་ལས་ཁུངས་དང་།སྤྱི་ཚོགས་ཀྱི་ཚོགས་པ།ཁེ་ལས་དང་བྱ་ལས་སྡེ་ཚན།སྤྱི་ཚོགས་ཀྱི་རྩ་འཛུགས་གཞན་དག་བཅས་ཀྱིས་ཡ་རབས་སྤྱོད་ཚུལ་གྱི་ཚད་གཞི་དེ་ལས་རིགས་ཀུན་སྤྱོད་ཀྱི་སློབ་གསོ་གཏོང་ཁོངས་སུ་བཅུག་སྟེ་ཡ་རབས་སྤྱོད་ཚུལ་གྱི་སློབ་གསོ་དང་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་བཏང་ནས་ཡ་རབས་སྤྱོད་ཚུལ་གྱི་སྐུལ་སྤེལ་ལས་ཀར་རྒྱབ་སྐྱོར་བྱེད་དགོས།

རྒྱལ་ཁབ་ཀྱི་ལས་དོན་མི་སྣ་དང་།དམངས་འཐུས་འཐུས་མི།སྲིད་གྲོས་ཨུ་ཡོན།སྤྱི་ཚོགས་ཀྱི་མི་སྣ་གྲགས་ཅནསྔོན་ཐོན་དཔེ་བཟང་མི་སྣ་སོགས་ཀྱིས་ཡ་རབས་སྤྱོད་ཚུལ་སྐུལ་སྤེལ་བྱེད་པའི་ལས་དོན་ཁྲོད་དུ་མིག་དཔེའི་ནུས་པ་འདོན་སྤེལ་བྱེད་དགོས།

ལེའུ་གཉིས་པ།དར་སྤེལ་དང་ཚད་ལྡན་གཏོང་བའི་སྐོར།

དོན་ཚན་བརྒྱད་པ།རྒྱལ་ཁབ་ཀྱི་འདུ་ཤེས་འཛིན་པ་དང་།རྒྱལ་གཅེས་རིང་ལུགས་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ།རྒྱལ་ཁབ་ཀྱི་བདེ་འཇགས་དང་།མཚན་སྙན།ཁེ་ཕན་བཅས་སྲུང་སྐྱོང་།རྒྱལ་ཁབ་ཀྱི་གཅིག་གྱུར་དང་མི་རིགས་ཀྱི་མཐུན་སྒྲིལ་སྲུང་སྐྱོང་།རྒྱལ་དརདང་།རྒྱལ་རྟགས།རྒྱལ་གླུ་བཅས་ཀྱི་ལ་རྒྱ་སྲུང་སྐྱོང་བཅས་བྱེད་དགོས།

རྒྱང་སྐྱོད་ཀྱི་སྙིང་སྟོབས་དང་ཡོམ་འགོག་གནོད་སེལ་གྱི་སྙིང་སྟོབས་དར་སྤེལ།དམར་དམག་རྒྱང་སྐྱོད་དྲན་གསོའི་རྡོ་རིང་གླིང་དང་།ཆུ་གར་ཚོགས་འདུའིཚོགས་གནསཅོག་ཙེ་ཚོགས་འདུའི་ཚོགས་གནསདམུ་དགེ་ཚོགས་འདུའི་ཚོགས་གནསདཔལ་སྐྱིད་ཚོགས་འདུའི་ཚོགས་གནས“5.12”ཝུན་ཁྲོན་ས་ཡོམ་གེགས་ཁུལ་གྱི་དྲན་གསོ་ཁང་སོགས་གསར་བརྗེའི་ཐོན་ཁུངས་ཀྱི་ནུས་པ་འདོན་སྤེལ་བྱས་ཏེ་སྔོན་གཤེགས་དཔའ་བོར་བརྩི་མཐོང་དང་།སློབ་སྦྱོང་།སྲུང་སྐྱོབ་བཅས་བྱེད་པ་དང་།སྔོན་གཤེགས་དཔའ་བོའི་དྲན་གསོའི་སྒྲིག་བཀོད་ལ་གཅེས་སྤྲས་བྱེད་པ།སྔོན་གཤེགས་དཔའ་བོའི་གདུང་མཆོད་ལམ་ལུགས་དང་གུས་སྲོལ་གྱི་ཚད་གཞི་བརྩི་སྲུང་བྱེད་དགོས།ཕུལ་བྱུང་གི་ས་ཁོངས་རིག་གནས་བརྒྱུད་སྤེལ་བྱས་ནས་རྔ་འི་ཡ་རབས་གཟུགས་བརྙན་གཏོད་དགོས།

དོན་ཚན་དགུ་བ།སྤྱི་ཚོགས་ཀྱི་སྲོལ་བཟང་དར་སྤེལ་གཏོང་བའི་ཐད་གཤམ་གསལ་སྤྱོད་ཚུལ་ཚད་གཞི་དར་སྤེལ་གཏོང་དགོས་པ་སྟེ།

གཅིགདབུལ་སྐྱོར་དང་།དཀའ་སེལགེགས་སེལ་སོགས་དགེ་སྒྲུབ་ཀྱི་སྤྱི་ཕན་བྱེད་སྒོར་ཞུགས་

གཉིསརིན་མེད་ཁྲག་སྦྱིན་ནང་ཞུགས་པ།

གསུམརང་ངོས་ཀྱི་ནུས་པ་དང་འཚམ་པའི་བདེན་པའི་རྒྱབ་ལངས་ནང་ཞུགས་པ།

བཞིདང་བླངས་ཞབས་ཞུའི་བྱེད་སྒོར་ཞུགས་པ།

ལྔཕ་མར་བསྙེན་བཀུར་དང་རྒན་རབས་ལ་གུས་བཀུར་ཞུ་བ།

དྲུགཁྱོ་ཤུག་འདྲ་མཉམ་དང་།ཕན་ཚུན་བློ་དཀར།ཕན་ཚུན་རོགས་སྐྱོར།ཕན་ཚུན་བརྩི་འཇོག་བཅས་བྱེད་པ།

བདུནརྒན་འཁོགས་དང་།ལོ་ན་མ་སོན་པའི་སྐྱེ་བོ་དང་དབང་བོ་སྐྱོན་ཅན་བཅས་ལ་ཐུགས་ཁུར་དང་།སེམས་ཁམས་ཟུར་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་

བརྒྱདསྤྱི་ཚོགས་ཀྱི་སྲོལ་བཟང་དར་སྤེལ་གཏོང་བའི་སྤྱོད་ཚུལ་གྱི་ཚད་གཞི་གཞན་དག་བཅས་ཡིན།

དོན་ཚན་བཅུ་བ།སྤྱི་ཚོགས་ཀྱི་སྤྱོད་བཟང་སྲུང་སྐྱོང་བྱ་རྒྱུའི་ཐད་གཤམ་གསལ་སྤྱོད་ཚུལ་གྱི་ཚད་གཞིར་བརྩི་སྲུང་ཞུ་དགོས་པ་སྟེ།

གཅིགསྤྱོད་པ་ཚུལ་དང་ལྡན་ཞིང་།གྱོན་ཆས་འཚམ་པོ་གྱོན་པ།སྤྱི་སྐད་ཁྱབ་གདལ་དུ་གཏོང་བ་དང་།

གཉིསགོ་རིམ་ལྡན་པའི་ངང་གྲལ་བསྒྲིག་པ་དང་གུས་འདུད་ཞུ་བ

གསུམཁ་ལུད་གང་བྱུང་དུ་མི་འཕེན་པ་དང་གཅིན་སྐྱག་གང་བྱུང་དུ་མི་གཏོང་བ།

བཞིགློ་ལུ་བ་དང་ཧབ་སྦྲིད་རྒྱག་སྐབས་ཁ་སྣ་འགེབ་པ་དང་།དབུགས་ལམ་གྱི་འགོས་ནད་ཕོག་སྐབས་ཁ་བཏུམ་རྒྱག་པ།

ལྔཁང་འི་ནང་གི་མི་མང་འདུ་འཛོམས་བྱ་ཡུལ་དང་།ཁང་འི་ནང་གི་ལས་ཀ་བྱེད་ས།སྤྱི་པའི་འགྲིམ་འགྲུལ་ཡོ་བྱད་བཅས་ཀྱི་ནང་ཐ་མག་མི་འཐེན་པགློག་རྡུལ་ཐ་མག་ཚུད་པདང་ཆང་རག་མི་འཐུང་བ་དང་གཞན་ལ་མི་བླུད་པ།

དྲུགགད་སྙིགས་གང་བྱུང་དུ་མི་གཏོར་བ་དང་མི་བསྐྱུར་བ།

བདུནབར་ཁྱམས་དང་།སྒོ་ར་དང་ཉེ་འཁོར་གྱི་ཁོར་ཡུག་གཙང་སྦྲར་སྲུང་འཛིན་བྱེད་པ།

བརྒྱདཡ་རབས་ཀྱི་སྒོ་ནས་གསང་སྤྱོད་ཁང་བེད་སྤྱོད་བྱེད་རྒྱུ་དང་།སྤྱི་པའི་གསང་སྤྱོད་ཀྱི་གཙང་སྦྲ་སྲུང་སྐྱོང་བྱེད་རྒྱུ།སྤྱི་པའི་འཕྲོད་བསྟེན་སྒྲིག་ཆས་ལ་གཅེས་སྤྲས་དང་ལུགས་མཐུན་ངང་བེད་སྤྱོད་གཏོང་

དགུཐང་ཆེན་ཞབས་བྲོ་དང་ཚོང་ལས་འགྲེམས་ཚོང་སོགས་སྒྲིག་འཛུགས་བྱས་ཏེ་ལུགས་མཐུན་ངང་དུས་ཚོད་དང་ས་ཆ་འདེམས་ནས་སྐད་དམའ་མོ་བྱེད་པ།

བཅུསྤྱི་ཚོགས་ཀྱི་ཀུན་སྤྱོད་སྲུང་སྐྱོང་བྱེད་པའི་སྤྱོད་ཚུལ་ཀྱི་ཚད་གཞི་གཞན་དག་བཅས་ཡིན།

དོན་ཚན་བཅུ་གཅིག་པ།ཡ་རབས་ངང་ཕྱིར་སྐྱོད་པའི་ཐད་གཤམ་གསལ་སྤྱོད་ཚུལ་གྱི་ཚད་གཞིར་བརྩི་སྲུང་ཞུ་དགོས་པ་སྟེ།

གཅིགའགྲིམ་འགྲུལ་བརྡ་གཏོང་གློག་སྒྲོན་གྱི་མཛུབ་སྟོན་ལྟར་བསྐྱོད་དགོས་པ་ལས།གཞུང་ལམ་ཐོག་དངོས་ཟོག་གང་བྱུང་དུ་འཚོང་བ་དང་།སྐྱེལ་བ།སློང་བ་བཅས་བྱེད་མི་རུང་།

གཉིསསྤྱི་པའི་འགྲིམ་འགྲུལ་ཁ་ལོ་ས་སྐད་ཆ་ཚུལ་ལྡན་དང་།ཚད་ལྡན་གྱིས་ཞབས་ཞུ་སྒྲུབ་པ་དང་།རླངས་འཁོར་ནང་གི་གཙང་སྦྲར་སྲུང་འཛིན་བྱེད་དགོས།

གསུམསྤྱི་སྤྱོད་རླངས་འཁོར་དང་།གླ་གཏོང་རླངས་འཁོར།དྲ་ཐོག་གླ་གཏོང་རླངས་འཁོར་གྱིས་འགྲུལ་བ་གཡུག་པ་དང་མགོ་སྐོར་བསྐྱེལ་འདྲེན་བཀག་འགོག་བྱེད་མི་རུང་།

བཞིའཕྲུལ་སྒུལ་འཁོར་ལོ་སྐོར་ནས་ཆུ་བསག་པའི་ལམ་དུ་བརྒྱུད་སྐབས་དམ་མོར་བགྲོད་པ།

ལྔསྤྱི་པའི་འགྲིམ་འགྲུལ་ཡོ་བྱད་ལ་འདུགསྐབས་རང་འགུལ་གྱིས་སྡོད་ས་སྤྲོད་པ་དང་།གློག་རྡུལ་སྒྲིག་ཆས་ཀྱི་སྒྲ་སྐད་ཕྱི་རུ་མི་གཏོང་བ།ཁ་ལོ་ས་ཁ་ལོ་བསྒྱུར་བར་འགོག་རྐྱེན་མི་བཟོ་བ་བཅས་ཡིན།

དྲུགདེ་མིན་གྱི་ཡ་རབས་འགྲོ་སྐྱོད་ཀྱི་སྤྱོད་ཚུལ་ཚད་ལྡན།

དོན་ཚན་བཅུ་གཉིས་པ།གོམས་སྲོལ་བསྒྱུར་བའི་ཐད་གཤམ་གསལ་སྤྱོད་ཚུལ་གྱི་ཚད་གཞིར་བརྩི་སྲུང་བྱེད་དགོས་པ་སྟེ།

གཅིགཁྱིམ་མཚེས་འཆམ་མཐུན་མཉམ་གནས་དང་།གྲོས་མོལ་གྱིས་འགལ་བ་སེལ་འཆལ་གཏམ་གྱིས་འཕྱ་སྨོད་དང་རྩོད་པམི་བྱེད་པ།

གཉིསགྲོན་ཆུང་དང་ཡ་རབས་ཀྱི་སྒོ་ནས་གཉེན་སྟོན་དང་འདས་མཆོད་སྒྲུབ་པ་དང་ཆོས་འདོན་དགེ་སྒྲུབ་ཀྱི་མི་གྲངས་དང་དུས་ཚོད་འོས་ཤིང་འཚམ་པ།

གསུམཡ་རབས་ངང་མཆོད་འབུལ་དང་།གཏན་འགོག་བྱེད་ཁོངས་སུ་མར་མེ་དང་མཆོད་སྤོས་མི་མཆོད་པ་དང་།མཆོད་ལཱམི་སྒྲོན་པ།ཤོག་དངུལམི་བསྲེགས་པ།མཆོད་རྫས་མི་འབུལ་བ།

བཞིགོམས་སྲོལ་བསྒྱུར་བའི་སྤྱོད་ཚུལ་གྱི་ཚད་གཞི་གཞན་དག་བཅས་ཡིན།

དོན་ཚན་བཅུ་གསུམ་པ།ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་ལག་བསྟར་བྱེད་པའི་ཕྱོགས་ནསགཤམ་གྱི་སྤྱོད་ཚུལ་ཚད་གཞི་བརྩི་སྲུང་བྱེད་དགོས་ཏེ།

གཅིགཡ་རབས་ངང་ཟ་མ་ཟ་བ་དང་།འོས་འཚམ་ངང་ཟ་མ་འདེམས་པ།གཞུང་ཐུར་སྤྱོད་པ།

གཉིསལྗང་མདོག་ཡ་རབས་ཀྱི་འཚོ་བ་སྐྱེལ་སྟངས་ལག་བསྟར་བྱས་ནས་རྐང་ཐང་དང་རྐང་འཁོར་བཞོན་པའམ་ཡང་ན་སྤྱི་པའི་འགྲིམ་འགྲུལ་ཡོ་བྱད་ནང་བསྡད་ནས་འགྲོ་སྐྱོད་བྱེད་པ།

གསུམཞིང་སྨན་དང་།ཞིང་ལུད།ཞིང་སྤྱོད་འགྱིག་ཤོག་སོགས་ཞིང་ལས་ལ་གཏོང་བའི་དངོས་རྫས་ཚན་རིག་དང་མཐུན་པར་སྤྱོད་པ།

བཞིའཁོར་རྒྱུག་བེད་སྤྱོད་ཐུབ་པའི་ཐོན་རྫས་སྤྱོད་རྒྱུ་དང་།ཐེངས་གཅིག་རང་བཞིན་གྱི་འཛད་སྤྱོད་མཁོ་རྫས་དང་ཚད་བརྒལ་གྱི་ཐུམ་སྒྲིལ་ཐོན་རྫས་སྤྱོད་རྒྱུ་ཉུང་དུ་བཏང་ནས་ཐོན་ཁུངས་གྲོན་ཆུང་བྱེད་པ།

ལྔལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་ལག་བསྟར་བྱེད་པའི་སྤྱོད་ཚུལ་གྱི་ཚད་གཞི་གཞན་དག་བཅས།

དོན་ཚན་བཅུ་བཞི་བ།དྲ་རྒྱའི་ཡ་རབས་སྲུང་སྐྱོང་བྱེད་པའི་ཐད་གཤམ་གསལ་གྱི་སྤྱོད་ཚུལ་ཚད་གཞིར་བརྩི་སྲུང་བྱེད་དགོས་པ་སྟེ།

གཅིགཡ་རབས་ངང་དྲ་ལམ་ལ་ཞུགས་པ་དང་།ཚུལ་མཐུན་ངང་བསམ་ཚུལ་མཚོན་ཐབས་བྱས་ཏེ་རང་འགུལ་ངང་དྲ་རྒྱའི་སྒྲིག་ལམ་སྲུང་སྐྱོང་བྱེད་པ

གཉིསཆ་འཕྲིན་རྫུན་མའམ་ཡང་ན་ར་སྤྲོད་མ་བྱུང་བའི་ཆ་འཕྲིན་གཞན་དག་ཁྱབ་སྤེལ་མི་བྱེད་པ་དང་།དཀྲོག་གཏམ་མི་བཟོ་བ།དཀྲོག་གཏམ་ལ་ཡིད་མི་ཆེས།དཀྲོག་གཏམ་བརྒྱུད་བསྒྲགས་མི་བྱེད་པ།

གསུམམི་གཞན་གྱི་ཁེ་དབང་ལ་བརྩི་འཇོག་བྱས་ནས་འཕྱ་སྨོད་དང་།དམའ་འབེབས།སྐུར་འདེབས།འཇིགས་སྐུལ།རྩ་སློག་འཚོལ་བཤེར།བསམ་ངན་ཁོག་བཅུག་གིས་ངན་སྨྲས་སོགས་དྲ་རྒྱའི་དྲག་ཤུགས་སྤྱོད་རིགས་བཀག་འགོག་བྱེད་པ།

བཞིསྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དར་སྤེལ་བཏང་ནས་མི་རིགས་ལ་མཐོང་ཆུང་དང་།མི་རིགས་ཀྱི་འཁོན་འགྲསབཀས་བཀོད་རྒྱུད་འཛིན་གྱི་རྨོངས་དད།དེ་བཞིན་རྫུན་མ།དྲག་ཤུགས།ཆགས་སྲེད།མ་རབས་ཐ་ཤལ་སོགས་ཀྱི་ཆ་འཕྲིན་ངན་པ་བཟོ་བ་དང་།ཁྱབ་བསྒྲགས།བརྒྱུད་བསྒྲགས་བཅས་གཏན་འགོག་བྱེད་པ།

ལྔལོ་ན་མ་སོན་པའི་སྐྱེ་བོའི་བདེ་འཇགས་འགན་སྲུང་དང་ཁྲིད་སྟོན་བྱས་ཏེ་དྲ་རྒྱ་བེད་སྤྱོད་ལུགས་མཐུན་བྱས་ནས་གཞོན་ནུ་ལོ་ཆུང་གི་དྲ་སྦྲེལ་བྱང་ཚད་མཐོ་རུ་གཏོང་

དྲུགདྲ་རྒྱའིཡ་རབས་སྲུང་སྐྱོང་གི་སྤྱོད་ཚུལ་གྱི་ཚད་གཞི་གཞན་དག་བཅས་ཡིན།

དོན་ཚན་བཅོ་ལྔ་བ།ཡ་རབས་ཡུལ་སྐོར་ཐད་གཤམ་གསལ་སྤྱོད་ཚུལ་ཚད་གཞི་བརྩི་སྲུང་བྱེད་དགོས་པ་སྟེ།

གཅིགརིག་དངོས་གནའ་ཤུལ་དང་།མཛེས་ལྗོངས་གྲགས་ཅན།ཡུལ་སྐོར་སྒྲིག་བཀོད་བཅས་སྲུང་སྐྱོང་དང་།མཛེས་ལྗོངས་ཁུལ་གྱི་གཏན་འབེབས་ལ་བརྩི་སྲུང་བྱེད་པ།

གཉིསཚོང་རྫས་གཉེར་སྐྱོང་མཁན་དང་ཞབས་ཞུ་མཁོ་སྤྲོད་མཁན་གྱིས་ཡུལ་སྐོར་བར་སྤྱི་ཚོགས་ཀྱི་སྤྱི་པའི་སྤྱོད་བཟང་ལས་འགལ་བའི་ཚོང་རྫས་དང་ཞབས་ཞུའི་རྣམ་གྲངས་མཁོ་སྤྲོད་བྱས་མི་ཆོགཁ་དན་ཚིག་གནས་ཀྱིས་གཉེར་སྐྱོང་དང་།འདྲ་མཉམ་གྱིས་འགྲན་རྩོད།རིན་གོང་གསལ་བཀོད་བྱས་ནས་འཛད་སྤྱོད་པར་མགོ་སྐོར་མི་གཏོང་བ།

གསུམཡུལ་སྐོར་ལས་དོན་ཁང་དང་ཡུལ་སྐོར་སྣེ་ཤན་པས་ལས་རིགས་ཀྱི་ཀུན་སྤྱོད་བརྩི་སྲུང་བྱས་ཏེ་ཡ་རབས་ཡིད་རྟོན་གྱི་ཞབས་ཞུ་མཁོ་འདོན་བྱེད་པ།

བཞིདེ་མིན་གྱི་ཡ་རབས་ཡུལ་སྐོར་གྱི་སྤྱོད་ཚུལ་ཚད་གཞི་གཞན་དག

ལེའུ་གསུམ་པ།ལྟ་སྐུལ་དང་བཅོས་སྐྱོང་བྱེད་པའི་སྐོར།

དོན་ཚན་བཅུ་དྲུག་པ།རྫོང་གྲོང་ཁྱེརམི་དམངས་སྲིད་གཞུང་གིས་ངེས་པར་དུ་སྲོལ་ཡིག་འདིའི་གཏན་འབེབས་གཞིར་བཟུང་ནས་མཐུན་སྦྱོར་མཉམ་འགུལ་གྱི་ཕྱོགས་བསྡུས་བཅོས་སྐྱོང་ལས་ཀའི་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་སྟེ་མངོན་གསལ་དོད་པའི་གནད་དོན་ལ་གཙོ་གནད་ཐོག་ལྟ་སྐུལ་དོ་དམ་དང་།མཉམ་འབྲེལ་ཐོག་ཁྲིམས་འཛིན།ཆེད་དོན་བཅོས་སྐྱོང་བཅས་བྱེད།

འབྲེལ་ཡོད་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་གིས་རང་ཉིད་ཀྱི་གཙོ་སྐྱོང་ལས་རིགས་དང་ཁྱབ་ཁོངས་ནང་གི་མ་རབས་སྤྱོད་ཚུལ་ལ་དུས་རྒྱུན་དུ་ཞིབ་བཤེར་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ཚུལ་མིན་སྤྱོད་ཚུལ་དུས་ཐོག་ཏུ་ཤེས་རྟོགས་དང་།བཀག་སྡོམ་སློབ་གསོ།བཀག་འགོག   ཞིབ་བཤེར་ཐག་གཅོད་བཅས་བྱེད།

མ་རབས་ཀྱི་སྤྱོད་ཚུལ་སྤེལ་བར་བཅའ་ཁྲིམས་ཀྱི་འགན་འཁྲི་བདའ་འདེད་གཏོང་མི་དགོས་པའི་སྡེ་ཚན་ནམ་མི་སྒེར་ལ་ཡོ་བསྲང་བྱེད་འགན་དཀྲི་རྒྱུ་སོགས་ཀྱི་བྱེད་ཐབས་སྤྱད་དེ་མ་རབས་ཀྱི་སྤྱོད་ཚུལ་ཡོ་བསྲང་བྱེད་དགོས

དོན་ཚན་བཅུ་བདུན་པ།རྫོངགྲོང་ཁྱེརདང་ཡུལ་ཚོགྲོང་རྡལམི་དམངས་སྲིད་གཞུང་གིས་སྲིད་འཛིན་ས་ཁོངས་དེ་གའི་གྲོང་མིསྡོད་དམངསཨུ་ཡོན་ལྷན་ཁང་དང་།ཁང་བདག་ཨུ་ཡོན་ལྷན་ཁང་ལས་རིགས་མཐུན་ཚོགས་སོགས་གྲོང་སྲོལ་དམངས་ཆིངསསྡོད་དམངས་སྤྱི་ཆིངསདང་།ཁང་བདག་སྤྱི་ཆིངས།ལས་རིགས་མཐུན་ཚོགས་ཀྱི་སྒྲིག་ཡིག་བཅས་ཀྱི་ཁྲོད་དུ་ཡ་རབས་སྤྱོད་ཚུལ་ལ་སྐུལ་སྤེལ་གཏོང་བའི་ནང་དོན་ནང་འཇུག་རྒྱུར་མཛུབ་ཁྲིད་དང་སྐུལ་སྤེལ་གཏོང་

གྲོང་མིསྡོད་དམངསཨུ་ཡོན་ལྷན་ཁང་གིས་ས་གནས་དེ་གའི་གནས་ཚུལ་དངོས་ལ་གཞིགས་ནསརང་སྐྱོང་གི་གོ་རིམ་དང་ཚད་གཞི་བརྒྱུད་ནས།གཉེན་སྟོན་དང་འདས་མཆོད་ཀྱི་གཞི་ཁྱོན་དང་།ཚད་གཞི།ཁྱབ་ཁོངས།གཉེན་རྟེན་དང་།སྐྱེས་དངུལ།ལེགས་སྐྱེས་སོགས་ཀྱི་ཆེས་མཐོའི་ཚད་གཞི།དེ་བཞིན་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་དང་།ཡུལ་སྲོལ་ཡ་རབས།བབ་ཆགས་དམངས་སྲོལ་འཛུགས་སྐྱོང་སོགས་འབྲེལ་ཡོད་དོན་ཚན་དེ་གྲོང་སྲོལ་དམངས་ཆིངས་སྡོད་དམངས་སྤྱི་ཆིངསཀྱི་ནང་དོན་གཙོ་བོར་བརྩིས་ནས་ཁོངས་མི་ཡོངས་ཀྱིས་ཐུན་མོང་ཐོག་བརྩི་སྲུང་ཞུ་རྒྱུར་ཁྲིད་སྟོན་བྱེད་དགོས།

དོན་ཚན་བཅོ་བརྒྱད་པ།རང་སྐྱོང་ཁུལ་དང་རྫོང་གྲོང་ཁྱེརམི་དམངས་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཁག་གིས་མ་རབས་ཀྱི་སྤྱོད་ཚུལ་ཐེར་འདོན་གོང་ཞུ་དང་།ཞུ་གཏུགཞིབ་བཤེར་ཐག་གཅོད་བཅས་བྱེད་པའི་ལམ་ལུགས་འཛུགས་པ་དང་།ཞུ་གཏུག་ཐེར་འདོན་ཁ་པར་ཨང་གྲངས་དང་ཡིག་སྒམ་སོགས་ཁྱབ་བསྒྲགས་བྱས་ནས་དུས་ཐོག་ཏུ་ཚུལ་མིན་གྱི་སྤྱོད་ཚུལ་བདག་སྤྲོད་དང་ཞིབ་བཤེར་ཐག་གཅོད་བྱེད་དགོས།ཐེར་འདོན་གོང་ཞུ་བྱེད་མཁན་དང་ཞུ་གཏུག་བྱེད་མཁན་གྱི་ཐོབ་ཐང་ཆ་འཕྲིན་སོགས་གསང་དགོས།

སྡེ་ཚན་གང་ཞིག་དང་མི་སྒེར་སུ་ཞིག་ལ་མ་རབས་ཀྱི་སྤྱོད་ཚུལ་དང་ཡ་རབས་སྤྱོད་ཚུལ་ལ་སྐུལ་སྤེལ་གཏོང་བའི་ལས་ཀའི་འགན་འཁྲི་མི་བསྒྲུབ་པའི་སྡེ་ཚན་དང་ལས་བྱེད་པར་ཐེར་འདོན་དང་ཞུ་གཏུག་བྱེད་དབང་ཡོད

དོན་ཚན་བཅུ་དགུ་བ།སྤྱི་པའི་ཁོར་ཡུག་གི་སྒྲིག་ལམ་སྲུང་སྐྱོང་བྱ་རྒྱུའི་ཐད་གཤམ་གསལ་སྤྱོད་ཚུལ་དག་གཙོ་གནད་དུ་བཟུང་ནས་བཅོས་སྐྱོང་བྱེད་དགོས་པ་སྟེ།

གཅིགཁང་་དང་བཟོ་བཀོད་དངོས་པོའི་ནང་ནས་ཕྱི་ལ་དངོས་རྫས་དབྱུག་པ་དང་

གཉིསམི་ཁ་འགྲེམ་སའི་བགྲོད་ལམ་དང་།ཉེན་མེད་ཐོན་སྒོ།མེ་གསོད་བགྲོད་ལམ།གེགས་མེད་སྒྲིག་བཀོད་བཅས་བཟུང་སྤྱོད་དང་བཀག་སྡོམ་བྱེད་པ།

གསུམརང་དགར་བཟོ་བཀོད་དངོས་པོ་དང་།གྲོང་ཁྱེར་གྱི་སྤྱི་སྤྱོད་སྒྲིག་བཀོད།སྦུག་ལམ་དང་གློག་སྐུད་དང་དེ་བཞིན་སྒྲིག་བཀོད་གཞན་དག་དང་ལྗོན་ཤིང་བཅས་ཀྱི་ཐོག་སྦྱར་བ།འགེལ་བ།རི་མོ་འབྲི་བ་དང་བརྐོ་བ

བཞིཁང་ར་དང་ར་སྐོར། ལྗང་ར་ལ་སོགས་པའི་སྒྲིག་བཀོད་ལ་འཛེག་པའམ་བརྒལ་བ་ཡང་ན་གཏོར་སྐྱོན་བཏང་བ།

ལྔལམ་བཟུང་གཉེར་སྐྱོང་བྱས་ནས་གྲོང་ཁྱེར་གྱི་རྣམ་པ་དང་ཁོར་ཡུག་གི་སྒྲིག་ལམ་དཀྲུག་པ།

དྲུགསྤྱི་པའི་ཁོར་ཡུག་གི་ལག་ལེན་བསྟར་བའི་སྤྱི་སྒྲིག་སྲོལ་བཟང་དང་འགལ་བའི་མ་རབས་ཀྱི་སྤྱོད་ཚུལ་གཞན་དག་བཅས་ཡིན།

དོན་ཚན་ཉི་ཤུ་སྤྱི་པའི་ཁོར་ཡུགགི་འཕྲོད་བསྟེན་སྲུང་སྐྱོང་བྱེད་པའི་ཐད་གཤམ་གསལ་སྤྱོད་ཚུལ་གཙོ་གནད་དུ་བཟུང་ནས་བཅོས་སྐྱོང་བྱེད་དགོས་པ་སྟེ།

གཅིགགཏན་འབེབས་ལྟར་རིགས་དབྱེ་ནས་གད་སྙིགས་མི་འཇོག་པ་དང་།གད་སྙིགས་གང་བྱུང་དུ་བསྐྱུར་བ་དང་མེར་བསྲེགས་པ།གཏན་འབེབས་ལྟར་ཟ་ཁང་གི་གད་སྙིགས་བསྡུ་རུབ་དང་།དབོར་འདྲེན།གཙང་བཅོས་བཅས་མི་བྱེད་པ།

གཉིསབཀག་སྡོམ་ས་ཁོངས་ནང་ཤོག་སྦག་འགད་པ

གསུམཐ་མག་འཐེན་མི་ཆོག་སར་ཐ་མག་འཐེན་པ།

བཞིརིམས་ནད་འགོག་བཅོས་དང་འབྲེལ་བ་ཡོད་པའི་འོས་འགན་མི་སྒྲུབ་པ་དང་།སྔོན་འགོག་དང་ཚོད་འཛིན།དེ་བཞིན་མཁོ་བསྟུན་བྱེད་ཐབས་བཅས་ལག་བསྟར་བྱེད་པར་གཞོགས་འདེགས་མི་བྱེད་པ།འབྲེལ་ཡོད་གནས་ཚུལ་ཇི་མ་ཇི་བཞིན་མཁོ་འདོན་མི་བྱེད་པ།

ལྔསྤྱི་པའི་ཁོར་ཡུག་འཕྲོད་བསྟེན་ལ་གནོད་པའི་ཚུལ་མིན་གྱི་སྤྱོད་ཚུལ་གཞན་དག

དོན་ཚན་ཉེར་གཅིག་པ།འགྲིམ་འགྲུལ་འགྲོ་སྐྱོད་ཐད་གཤམ་གསལ་སྤྱོད་ཚུལ་གཙོ་གནད་དུ་བཟུང་ནས་བཅོས་སྐྱོང་བྱེད་དགོས་པ་སྟེ།

གཅིགའཕྲུལ་སྒུལ་རླངས་འཁོར་གང་འདོད་དུ་འཇོག་པ་དང་།གང་འདོད་དུ་བར་འཛུལ།སྐད་ཅོར་སྒྲོག་པ་དང་།གློག་འོད་བཀོལ་སྤྱོད་ཚད་ལྡན་མིན་པ།ལམ་འགྲོ་ར་བརྩི་བཀུར་མི་བྱེད་པ།ཁྲིམས་འགལ་གྱིས་འཕྲལ་བསྟུན་བགྲོད་ལམ་བཟུང་བ།

གཉིསརྐང་འཁོར་གྱི་རིགས་འགྲིམ་འགྲུལ་གྱི་སྒྲིག་སྲོལ་ལྟར་བསྐྱོད་མེད་པ་དང་།གཏན་འབེབས་ལྟར་མི་འཇོག་པ།

གསུམརླངས་འཁོར་ནང་ནས་དངོས་པོ་ཕྱིའཕེན་པ

བཞིའཕྲུལ་རྟ་དང་གློག་སྒུལ་འཕྲུལ་འཁོར་རིགས་ཀྱི་ཁ་ལོ་བའམ་ཡང་ན་སྡོད་མཁན་གྱིས་བདེ་འཇགས་ཞྭ་མོ་མི་གྱོན་པ།

ལྔའགྲོ་ལམ་གང་འདོད་ཀྱིས་བརྒལ་བ་དང་འགྲིམ་འགྲུལ་ལོགས་འབྱེད་ལྕགས་ར་ལས་བརྒལ་བའམ་ཡང་ན་དེར་བརྟེན་ནས་སྡོད་པ།

དྲུགཁ་ལོ་བའི་བདེ་འཇགས་དང་འགྲིམ་འགྲུལ་གྱི་སྒྲིག་ལམ་ལ་ཤུགས་རྐྱེན་ཐེབས་པའི་མ་རབས་ཀྱི་སྤྱོད་ཚུལ་གཞན་དག་བཅས་ཡིན།

དོན་ཚན་ཉེར་གཉིས་པ།གྲོང་ཁྱེར་དང་གྲོང་གསེབ་སྡེ་ཁུལ་གྱི་ཡ་རབས་སྲུང་སྐྱོང་བྱེད་པའི་ཐད་གཤམ་གསལ་སྤྱོད་ཚུལ་གཙོ་གནད་དུ་བཟུང་ནས་བཅོས་སྐྱོང་བྱེད་དགོས་པ་སྟེ།

གཅིགབར་ཁྱམས་དང་།ཁང་ཐོག་སོགས་སྤྱི་པའི་ས་ཁོངས་བཟུང་སྟེ་དངོས་ཟོག་འཇོག་པ

གཉིསཁྲིམས་འགལ་གྱིས་བཟོས་སྤང་ལྗོངས་དང་།ས་སྟོང་།བགྲོད་ལམ་སོགས་སྤྱི་པའི་ས་ཁོངས་བཟུང་སྤྱོད་བྱེད་རིགས།

གསུམསྤྱི་པའི་ཁོར་ཡུགཏུ་ཁྱིམ་བྱ་དང་སྒོ་ཕྱུགས་གསོ་བའམ་ཡང་ན་ཁྱིམ་བྱ་དང་སྒོ་ཕྱུགས་རྒྱ་ཡན་དུ་བཏང་ནསསྤྱི་པའི་ཁོར་ཡུགཏུ་འཛུལ་བ

བཞིཆུ་དང་།གློགསོལ་རླངས།འཕྲིན་གཏོང་སོགས་ཀྱི་སྒྲིག་བཀོད་རང་མཚམས་ཀྱིས་ལེན་པ་དང་འཐེན་པ

ལྔསྣུམ་གྱི་དུ་འདྲེན་སྦུག་ལམ་དང་དྲོད་སྙོམ་འཕྲུལ་ཆས་ཀྱི་ཕྱི་བཀལ་འཕྲུལ་ཆས་བཟོ་བཀོད་དང་འཐེན་པ་ལུགས་མཐུན་མིན་པདང་།བཟའ་བཏུང་ཞབས་ཞུའི་ལས་རིགས་གཉེར་སྐྱོང་མཁན་གྱིས་སྣུམ་དང་དུ་བ་གཏན་འབེབས་ལྟར་མ་ཕུད་པ་གྲོང་ཁྱེར་གྱི་མཛེས་ཉམས་དང་དེ་བཞིན་མི་གཞན་གྱི་རྒྱུན་གཏན་གྱི་ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་ལ་ཤུགས་རྐྱེན་ཐེབས་

དྲུགགཞུང་ལམ་བཅད་ནས་འབྲུ་རིགས་དང་གཟན་རྩྭ་ཉི་སྐམ་བྱེད་པ་དང་།གད་སྙིགས་སྤུངས་་སོགས

བདུནགཅིན་སྐྱག་གང་བྱུང་དུ་གཏོང་བ་དང་།ཕྱུགས་རིགས་དང་བྱ་རིགས་ཀྱི་རོ་གང་བྱུང་དུ་དབྱུག་པ།

བརྒྱདཞིང་སྨན་དང་།ལུད་རྫས་ཀྱི་ཐུམ་སྒྲིལ་དངོས་པོ།ཞིང་སྤྱོད་ས་ཞིང་གི་སྐྱི་མོ་སོགས་གད་སྙིགས་གང་བྱུང་དུ་དབྱུག་པ།

དགུཞིབ་བཤེར་ཆོག་མཆན་མ་ཐོབ་པའམ་ཡང་ན་འབྲེལ་ཡོད་ཀྱི་མེ་འགོག་བྱེད་ཐབས་དོན་འཁྱོལ་མ་བྱས་པར།ཞིཁའི་འགྲམ་ཟུར་མེ་གཏོང་བ་སོགས་ཕྱི་རོལ་དུ་ཞིང་ལས་སྐྱེ་དངོས་ཀྱི་སོག་མ་བསྲེགས་པ།

བཅུསྡེ་ཁུལ་གྱི་སྒྲིག་ལམ་ལ་ཤུགས་རྐྱེན་ཐེབས་པའི་མ་རབས་ཀྱི་སྤྱོད་ཚུལ་གཞན་དག་བཅས་ཡིན།

དོན་ཚན་ཉེར་གསུམ་པ།སྐྱེ་ཁམས་དཔལ་ཡོན་ཐད་གཤམ་གསལ་སྤྱོད་ཚུལ་གཙོ་གནད་དུ་བཟུང་ནས་བཅོས་སྐྱོང་བྱེད་དགོས་པ་སྟེ།

གཅིགཆུ་བོ་དང་།མཚེའུ།བརླན་ས་སོགས་ཆུ་ལ་བཙོག་ཆུ་ཚད་ལས་བརྒལ་བ་གཏོང་བ་དང་།གད་སྙིགས་གཏོར་བ།གཏན་འབེབས་ལས་འགལ་ཏེ་ཆུ་རགས་དང་།གྲམ་ཐང་བཟུང་བའམ་བྱེ་རྡོ་སྔོག་འདོན་བྱེད་པ།

གཉིསནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་ཐད་ཀྱི་འབྲེལ་ཡོད་གཏན་འབེབས་ལས་འགལ་ཏེ་ཕྱི་རོལ་དུ་མེ་བེད་སྤྱོད་བྱེད་པའི་བྱ་སྤྱོད།

གསུམཕྱི་ནས་འོང་བའི་དངོས་རིགས་རང་དགར་དུ་ཚེ་ཐར་གཏོང་བ།ཁྲིམས་འགལ་ངང་རི་སྐྱེས་སྲོག་ཆགས་ལ་གནོད་འཚེ་གཏོང་བ་དང་།འཛིན་བཟུང་དང་རྔོན་པ།ཉོ་ཚོང་དང་ཟ་བཅས་བྱེད་པ་དང་།རི་སྐྱེས་སྲོག་ཆགསཀྱི་ཐོན་རྫས་ཉོ་ཚོང་དང་བེད་སྤྱོད་པ།ཁྲིམས་འགལ་ངང་རི་སྐྱེས་རྩི་ཤིང་དང་དེ་བཞིན་བཟོས་རྫས་འཚོལ་བསྡུ་དང་འཚོང་བ།

བཞིཉ་འཛིན་མི་ཆོག་ས་དང་ཉ་འཛིན་མི་ཆོག་པའི་དུས་སྐབས་རིང་ལ་ཉ་འཛིན་པའང་ཡང་ན་ཉ་བཀད་པ་དང་།ཉ་དུག་པ།གློག་སྤྱད་ནས་ཉ་གསོད་པ་སོགས་ཉ་ལས་ཐོན་ཁུངས་གཏོར་བརླག་གཏོང་བའི་བྱེད་ཐབས་ལ་བརྟེན་ནས་འཛིན་འདོན་བྱེད་རིགས།

ལྔསྣུམ་སྙིགས་དང་།སྣུམ་ཕྱིང་།འགྱིགསྤོས་འགྱིགཀོ་རིགས།གད་སྙིགས་བཅས་དང་དེ་བཞིན་དུག་ལྡན་གནོད་ལྡན་གྱི་ཐལ་རྡུལ་དང་དྲི་ངན་ཆེ་བའི་རླངས་གཟུགས་ཐོན་པའི་དངོས་རིགས་མེར་སྲེག་པ།

དྲུགཁྲིམས་དང་མི་མཐུན་པར་འདམ་སོལ་སྔོག་འདོན་དང་།རང་བྱུང་བརླན་སསྐམ་པོར་བསྒྱུར་བརྩྭ་ཐང་ལ་གཏོར་བརླག་གཏོང་བ།

བདུནསྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་ཤུགས་རྐྱེན་ཐེབས་པའི་ཚུལ་མིན་སྤྱོད་ཚུལ་གཞན་དག་བཅས་ཡིན།

དོན་ཚན་ཉེར་བཞི་བ།གཅེས་ཉར་སྲོག་ཆགས་གསོ་ཚགས་བྱེད་པའི་ཐད་གཤམ་གསལ་གྱི་སྤྱོད་ཚུལ་གཙོ་གནད་དུ་བཟུང་ནས་བཅོས་སྐྱོང་བྱེད་དགོས་པ་སྟེ།

གཅིགགཏན་འབེབས་ལྟར་ལག་ཁྱེར་མི་ལེན་པ་དང་།གཅེས་ཉར་སྲོག་ཆགས་ཀྱི་རྟགས་མི་ལེན་པ།རིམས་འགོག་སྨན་ཁབ་མི་རྒྱག་པ།

གཉིསགཅེས་ཉར་སྲོག་ཆགས་གློག་སྐས་ནང་དང་སྤྱི་པའི་ཁོར་ཡུག་ཏུ་ཁྲིད་པ་དང་།གཅེས་ཉར་སྲོག་ཆགས་ལ་མཆུ་ཤུབས་མི་གོན་པ་དང་།གཅེས་ཉར་སྲོག་ཆགས་གཅེས་ཉར་སྲོག་ཆགས་ཀྱི་ཁུག་མ་དང་གཅེས་ཉར་སྲོག་ཆགས་ཀྱི་གཟེབ་ནང་མི་འཇུག་པ།

གསུམགཅེས་ཉར་སྲོག་ཆགས་ཁྱིམ་ནས་ཕྱིར་འཁྱེར་སྐབས་འདྲུད་འཐེན་ཐག་པ་མི་འདྲུད་པ་དང་།རང་འགུལ་ངང་མི་ལ་མི་བཟུར་བདུས་ཐོག་ཏུ་གཅིན་སྐྱག་གཙང་སེལ་མི་བྱེད་པ་བཅས།

བཞིགཅེས་ཉར་སྲོག་ཆགས་ཀྱིས་མི་གཞན་པའི་རྒྱུན་ལྡན་གྱི་བྱ་བ་དང་ངལ་གསོ་་ཤུགས་རྐྱེན་བཟོ་བ

ལྔཁྱི་གསོ་སྐབས་ལམ་འགྲམ་དང་གྲོང་སྡེའི་ནང་དུ་ལྕགས་ཐག་གིས་ཁྱི་མ་བཏགས་ས་མི་གཞན་ལ་གནོད་འཚེ་གཏོང་བ་དང་མི་གཞན་གྱི་ཐོན་སྐྱེད་དང་འཚོ་བར་འགོག་རྐྱེན་བཟོ་བ།

དྲུགགསོ་ཚགས་བྱས་པའི་གཅེས་ཉར་སྲོག་ཆགས་དོར་བ།

བདུནགཏན་འབེབས་ལྟར་གཅེས་ཉར་སྲོག་ཆགས་གསོ་བའི་ཚུལ་མིན་གྱི་སྤྱོད་ཚུལ་གཞན་དག

ལེའུ་བཞི་བ།འགན་སྲུང་དང་སྐུལ་སྤེལ་བྱེད་པའི་སྐོར།

དོན་ཚན་ཉེར་ལྔ་བ།རང་སྐྱོང་ཁུལ་དང་རྫོང་གྲོང་ཁྱེརམི་དམངས་སྲིད་གཞུང་དང་དེའི་འབྲེལ་ཡོད་སྡེ་ཁག་གིས་གཤམ་གསལ་གྱི་སྤྱི་པའི་སྒྲིག་བཀོད་འཛུགས་སྐྲུན་དང་འཐུས་ཚང་དུ་གཏོང་དགོས་པ་སྟེ།

གཅིགསྤྱི་པའི་འགྲིམ་འགྲུལ་ཡོ་བྱད་དང་།སྤྱི་སྤྱོད་རླངས་འཁོར་གྱི་འབབ་ཚགས།འགྲིམ་འགྲུལ་མཚོན་བྱེད་ལམ་རྟགས།རླངས་འཁོར་འཇོག་སགློག་རྡུལ་ལྟ་སྐུལ་ཚོད་འཛིན་བརྙན་ཤེལ་སོགས་འགྲིམ་འགྲུལ་སྒྲིག་ཆས

གཉིསའགྲོ་ལམ་དང་།ཁྲོམ་ལམ།ཐང་ཆེན།རླངས་འཁོར་འཇོག་ས།སྤྱི་གླིང་།སྤང་སོགས་སྤྱི་པའི་ཁོར་ཡུག་གི་གློག་སྒྲོན་སྒྲིག་ཆས།

གསུམསྡེ་ཁུལ་རྙིང་འི་སྒྱུར་བཀོད་དང་།ནུས་རྒྱུ་གསར་འི་རླངས་འཁོར་གྱི་གློག་གསོག་ཕུར་བུ།གྲོང་ཁྱེར་གྱི་སྦུག་ལམ་དྲ་བ།གྲོང་གསེབ་ཀྱི་སྦུག་ལམ་དྲ་རྒྱསྤྱི་པའི་གསང་སྤྱོད་ཁང་གད་སྙིགས་བསྡུ་རུབ་གཙང་སེལ་སྐྱེལ་འདྲེནབཙོག་ཆུ་བསྡུ་རུབ་གཙང་སེལ་སོགས་ཀྱི་རྨང་གཞིའི་སྒྲིག་བཀོད།དེ་བཞིན་ཁོར་ཡུག་གཙང་སྤྲ་བྱེད་མཁན་གྱི་གནས་སྐབས་ཀྱི་ངལ་གསོ་སྒྲིག་བཀོད།

བཞིདཔེ་མཛོད་ཁང་དང་།དངོས་མང་བཤམས་སྟོན་ཁང་།རིག་གནས་ཁང་ས་ཚིགསམཛེས་རྩལ་ཁང་།ཚན་རྩལ་ཁང་།དྲན་གསོ་ཁང་།ལུས་རྩལ་ཁང་དང་ར་བ།གཞོན་ནུ་དང་ལོ་ཆུང་གི་ཕོ་བྲང་།སྤྱི་གླིང་།ཐང་ཆེན་སོགས་སྤྱི་པའི་ཞབས་ཞུའི་སྒྲིག་བཀོད།

ལྔཔུར་འཇུག་དུར་སྐྱེལ་ཁང་དང་།པུར་སྲེག་ཁང་།སྤྱི་བའི་དུར་ས་སོགས་པུར་འཇུག་སྒྲིག་བཀོད།

དྲུགསྲིད་འཛིན་ས་ཁོངས་དང་།མཛེས་ལྗོངས་ཁུལ།སྡོད་གནས་སྡེ་ཁུལ།ཁྲོམ་ལམ།ཐོག་ཁང་སྒོ་བྱང་སོགས་ས་མིང་གནས་སྟོན་སྒྲིག་བཀོད

བདུནམཚམས་སྦྱོར་བརྡ་ཁྱབ་དང་དྲིལ་བསྒྲགས་གསལ་སྒྲོམ་སོགས་ཀྱི་མཚམས་སྦྱོར་བརྡ་ཁྱབ་དང་དྲིལ་བསྒྲགས་སྒྲིག་བཀོད།

བརྒྱདམེ་ཟོན་བགྲོད་ལམ་དང་ཆུ་གསོག་རྫིང་བུ་སོགས་ནགས་ཚལ་དང་རྩྭ་ཐང་གི་མེ་འགོག་མེ་གསོད་རྨང་གཞིའི་སྒྲིག་བཀོད།

དགུཐ་མག་འཐེན་མི་ཆོག་ས་ཐ་མག་འཐེན་མི་ཆོག་པའི་མཚོན་རྟགས་མངོན་གསལ་འཇོག་པ།

བཅུཡ་རབས་ཀྱི་སྤྱོད་ཚུལ་ལ་སྐུལ་སྤེལ་གཏོང་བ་དང་འབྲེལ་བ་ཡོད་པའི་སྒྲིག་བཀོད་གཞན་དག་བཅས།

དོན་ཚན་ཉེར་དྲུག་པ།གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་བྱེད་རིང་ལོང་བ་འགྲོ་སའི་ལམ་དང་།ཐུར་ལམ།གློག་སྐས།འགོག་རྐྱེན་མེད་པའི་རླངས་འཁོར་འཇོག་ས།དེ་བཞིན་གེགས་མེད་སྒྲིག་བཀོད་བཅས་འཆར་འགོད་དང་།འཛུགས་སྐྲུན།སྒྱུར་བཀོད་བཅས་བྱེད།

སྲིད་དོན་ཚོམས་ཆེན་དང་།གནམ་གྲུ་ཐང་།རླངས་འཁོར་འབབ་ཚུགས།སྨན་ཁང་།མཛེས་ལྗོངས་ཁུལ།ཚོང་ར་ཆེ་གྲས།རིག་གནས་ལུས་རྩལ་ཁང་སོགས་སྤྱི་པའི་ཁོར་ཡུགགི་སྤྱི་པའི་ཞབས་ཞུ་བྱེད་གནས་སུ་གེགས་མེད་གསང་སྤྱོད་ཁང་དང་མ་བུ་ཁང་འཛུགས་སྐྲུནསྒྲིག་བཀོདབྱེད་དགོས།སྤྱི་པའི་གསང་སྤྱོད་ལ་དབང་བོ་སྐྱོན་ཅན་དང་།རྒན་འཁོགས།སྐྱེ་བོ་ལོ་ན་ཕྲ་རིགས་བཅས་དང་དེ་བཞིན་འགྲོ་སྐྱོད་མི་བདེ་བའི་མིའི་སྤྱོད་ཐུབ་པའི་གསང་སྤྱོད་སྟབས་བདེ་བཀོད་སྒྲིག་བྱེད།

དོན་ཚན་ཉེར་བདུན་པ།དྲ་སྦྲེལ་ཐོག་རླངས་འཁོར་བོགས་གཏོང་ལས་གཉེར་བྱེད་མཁན་གྱིས་གོ་རིམ་ལྡན་པའི་ངང་རླངས་འཁོར་གཏོང་བ་དང་།ཚན་རིག་དང་མཐུན་པའི་ངང་རླངས་འཁོར་བཀོད་གཏོང་བྱེད་པ།གློག་རྡུལ་ར་སྐོར་སོགས་ཀྱི་ལག་རྩལ་བྱ་ཐབས་སྤྱད་དེ་རླངས་འཁོར་བོགས་གཏོང་མཁན་ལ་ཚད་ལྡན་ངང་རླངས་འཁོར་འཇོག་རྒྱུའི་ཁྲིད་སྟོན་བྱེད་པ།སྒྲིག་སྲོལ་ལས་འགལ་ནས་རླངས་འཁོར་འཇོག་པ་དང་།བདེ་འཇགས་ཀྱི་མི་མངོན་པའི་རྐྱེན་ངན་གནས་པ།བེད་སྤྱོད་མི་ཐུབ་པའི་རླངས་འཁོར་དུས་ཐོག་ཏུ་གཙང་བཤེར་བྱས་ནས་རླངས་འཁོར་གཙང་སྦྲ་ལྡན་པར་སྲུང་སྐྱོང་བྱེད།

དོན་ཚན་ཉེར་བརྒྱད་པ།ཚགས་པར་དང་དུས་དེབ།རྒྱང་བསྒྲགས།བརྙན་འཕྲིན།དྲ་རྒྱ་སོགས་སྤྱི་པའི་སྨྱན་སྦྱོར་དང་དྲིལ་བསྒྲགས་བྱེད་ས་སྣ་ཚོགས་ཀྱིས་ཡ་རབས་སྤྱོད་ཚུལ་སྐུལ་སྤེལ་བྱེད་པའི་ལས་དོན་དེ་སྤྱི་ཕན་དྲིལ་བསྒྲགས་ཀྱི་ནང་དོན་དུ་བཅུག་སྟེ།དུས་བཀག་ལྟར་ཡ་རབས་སྤྱོད་ཚུལ་གྱི་སྤྱི་ཕན་བརྡ་ཁྱབ་སྤེལ་བ་དང་།ཡ་རབས་སྤྱོད་ཚུལ་ཀྱི་སྔོན་ཐོན་བྱས་རྗེས་ཁྱབ་སྤེལ་བྱེད་པ།མ་རབས་སྤྱོད་ཚུལ་ལ་གླེང་ཕྱོགས་ཐོག་ནས་ལྟ་སྐུལ་བྱེད།

ཁྲོམ་ལམ་དང་།ཐང་ཆེན།སྤྱི་གླིང་།མཛེས་ལྗོངས་ཁུལ་སོགས་སྤྱི་པའི་ཁོར་ཡུག་དང་དེ་བཞིན་སྤྱི་སྤྱོད་འགྲིམ་འགྲུལ་ཡོ་བྱད་ཀྱིས་གཏན་འབེབས་ལྟར་ཡ་རབས་སྤྱོད་ཚུལ་གྱི་སྤྱི་ཕན་བརྡ་ཁྱབ་བཙུགས་ནས་ཡ་རབས་སྤྱོད་ཚུལ་དྲིལ་བསྒྲགས་བྱེད་དགོས།

དོན་ཚན་ཉེར་དགུ་བ།རང་སྐྱོང་ཁུལ་དང་རྫོང་གྲོང་ཁྱེརམི་དམངས་སྲིད་གཞུང་གིས་ཡ་རབས་སྤྱོད་ཚུལ་ལ་བསྟོད་བསྔགས།བྱ་དགའ།རོགས་སྐྱོར་བཅས་བྱེད་པའི་ལམ་ལུགས་འཛུགས་དགོས།

དོན་ཚན་སུམ་ཅུ་རང་སྐྱོང་ཁུལ་དང་རྫོང་གྲོང་ཁྱེརམི་དམངས་སྲིད་གཞུང་གིས་དཔལ་ཡོན་གྲོང་ཁྱེར་ཡ་རབས་ཅན་དང་།དཔལ་ཡོན་ལས་ཁུངས།དཔལ་ཡོན་གྲོང་གསེབ་དང་གྲོང་རྡལདཔལ་ཡོན་ཅན།དཔལ་ཡོན་སློབ་གྲྭཁྱིམ་ཚང་ཡ་རབས་སོགས་མང་ཚོགས་ཀྱི་རང་བཞིན་ལྡན་པའི་བསམ་པའི་དཔལ་ཡོན་སྤེལ་བའི་བྱེད་སྒོ་སྤེལ་བར་རྒྱབ་སྐྱོར་བྱེད་དགོས།

གྲོང་ཁྱེར་དཔལ་ཡོན་དང་།ལས་ཁུངས་དཔལ་ཡོནཅན།གྲོང་གསེབ་དང་གྲོང་རྡལདཔལ་ཡོན་ཅན།སློབ་གྲྭ་དཔལ་ཡོན་ཅན།ཁྱིམ་ཚང་ཡ་རབས་ཐོབ་པའམ་ཡང་ན་བསྐྱར་བཤེར་སྐབས་སུ་མཚན་སྙན་རྒྱུན་འཛིན་བྱེད་པར་ཀྲུང་དབྱང་དང་།ཞིང་ཆེན།རང་སྐྱོང་ཁུལ་བཅས་ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་བྱ་དགའ་སྤྲོད་དགོས།

དོན་ཚན་སོ་གཅིག་པ།རྫོང་གྲོང་ཁྱེརདང་།ཡུལ་ཚོགྲོང་རྡལ། གྲོང་ཚོསྡེ་ཁུལབཅས་ཀྱིས་ཡ་རབས་སྤྱོད་ཚུལ་དང་དང་བླངས་ཞབས་ཞུ་ལ་སྐུལ་ལྕག་དང་དྲིན་འཇལལམ་ལུགས་འཛུགས་རྒྱུར་སྐུལ་སློང་དང་རྒྱབ་སྐྱོར་བྱས་ནས་ཡ་རབས་སྤྱོད་ཚུལ་དང་དང་བླངས་ཞབས་ཞུའི་གནས་ཚུལ་ཐོ་འགོད་བྱས་ཏེ་ཆ་བསགས་ལམ་ལུགས་ཀྱི་དོ་དམ་བྱེད་དགོས།

དོན་ཚན་སོ་གཉིས་པ།རང་སྐྱོང་ཁུལ་དང་རྫོང་གྲོང་ཁྱེརམི་དམངས་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཁག་གིས་སྤྱི་པའི་དཔལ་ཡོན་ཁྲིད་སྟོན་པའི་དཔུང་ཁག་སྒྲིག་འཛུགས་བྱེད་ཆོག་པ་དང་།གུས་སྲོལ་དཔེ་སྟོན་དང་སྒྲིག་ལམ་སྲུང་སྐྱོང་སོགས་ཀྱི་ཐད་དྲིལ་བསྒྲགས་ཁྲིད་སྟོན་གྱི་ཞབས་ཞུ་སྤེལ་བ་དང་ཚུལ་མིན་གྱི་སྤྱོད་ཚུལ་ལ་བཀག་སྡོམ་བསླབ་བྱ་བྱེད་དགོས།

དོན་ཚན་སོ་གསུམ་པ།རང་སྐྱོང་ཁུལ་དང་རྫོང་གྲོང་ཁྱེརམི་དམངས་སྲིད་གཞུང་གིས་ཡ་རབས་སྤྱོད་ཚུལ་ལ་སྐུལ་སྤེལ་གཏོང་བའི་ལས་ཀ་དེ་གྲོང་ཁྱེར་འཛུགས་སྐྲུན་བྱེད་པའི་སྤྱི་ཡོངས་ཀྱི་ལས་ཀའི་བཀོད་སྒྲིག་ནང་འཇུག་དགོས།ཡ་རབས་སྤྱོད་ཚུལ་ལ་སྐུལ་སྤེལ་གཏོང་བའི་ལས་ཀའི་དམིགས་ཚད་འགན་འཁྲིའི་ལམ་ལུགས་དང་དཔྱད་བསྡུར་ལམ་ལུགས་འཛུགས་པ་དང་འཐུས་ཚང་དུ་གཏོང་་མ་ཟད།དོན་འཁྱོལ་བྱས་ཚུལ་ལ་ཞིབ་བཤེར་དང་དཔྱད་བསྡུར་ཡང་བྱེད་དགོས།

ལེའུ་ལྔ་བ།ཁྲིམས་འབྲེལ་འགན་འཁྲིའི་སྐོར།

དོན་ཚན་སོ་བཞི་བ།སྲོལ་ཡིག་འདིའི་འབྲེལ་ཡོད་གཏན་འབེབས་ལས་འགལ་ཏེ་མ་རབས་ཀྱི་སྤྱོད་ཚུལ་སྤེལ་་བཅའ་ཁྲིམས་དང་ཁྲིམས་སྲོལ་ནང་བཅའ་ཁྲིམས་ཀྱི་འགན་འཁྲི་གཏན་འབེབས་བྱས་ཡོད་ན་དེ་ལྟར་བྱེད་དགོས།

དོན་ཚན་སོ་ལྔ་བ།སྲོལ་ཡིག་འདིའི་འབྲེལ་ཡོད་གཏན་འབེབས་ལས་འགལ་ཏེ་མ་རབས་ཀྱི་སྤྱོད་ཚུལ་སྤེལ་བ་དང་།མ་རབས་ཀྱི་སྤྱོད་ཚུལ་ལག་བསྟར་བྱེད་མཁན་སྤྱི་ཚོགས་ཀྱི་ཞབས་ཞུའི་ནང་རང་མོས་ངང་ཞུགས་རིགས་ལ་ཁྲིམས་ལུགས་ལྟར་སྲིད་འཛིན་གྱི་ཆད་པ་ཡང་གཅོད་དང་ཡང་དུ་བཏང་ན་ཆོག

ལེའུ་དྲུག་པ།ཞར་བྱུང་དོན་ཚན།

དོན་ཚན་སོ་དྲུག་པ།སྲོལ་ཡིག་འདི་2023ལོའི་ཟླ་དང་བོའི་ཚེས་1ཉིན་ནས་ལག་བསྟར་བྱེད་རྒྱུ།

责任编辑:州编译局

扫一扫在手机打开当前页