当前位置: 首页 / 成果展示

འདས་ལོག

发布时间:2018-11-29
字体:
访问量:
来源:
分享到:


                                                                                   
                           
   འདས་ལོག་ཅེས་པ་འདི་ནི་མཁས་པའི་དབང་བོར་བཀུར་བའི་ཨུ་རུ་སུའི་མཁས་དབང་དམ་པ་ཋོལ་སི་ཋོའི་ཡིས་སྤྱི་ལོ1889ནས1899བར་ལོ་ངོ་ཧྲིལ་བོ་བཅུ་ལ་བྲིས་པའི་བརྩམས་སྒྲུང་མཐའ་མ་དེ་ཡིན་ལ། བསྟན་དོན་གཙོ་བོ་ནི་མིའི་རིགས་ཀྱིས་སྒེར་སེམས་དང་ཆགས་སྡང་གིས་བཟོས་པའི་དྲང་བདེན་མ་ཡིན་པའི་ཁྲིམས་ལུགས་ལ་ཟུར་ཟ་དང་། ཆོས་སྡེ་གཙུག་ལག་ལ་སློབ་གཉེར་ཁང་གི་ཚུར་འཆོས་ཀྱི་བྱ་སྤྱོད་སོགས་ལ་ཐེར་འདོན་དང་ཟུར་ཟ་བྱས་ཡོད། ཕྱོགས་གཞན་ཞིག་ནས་ཁོང་གིས་ལྗོར་ལྗིའི་དཔལ་འབྱོར་རིག་པའི་རིང་ལུགས་ལ་རྒྱབ་བརྟེན་བྱས་ནས་དཔལ་འབྱོར་མཚན་ཉིད་རིག་པའི་ཁོངས་ནས་མངོན་གསལ་དོད་པོས་འདྲ་མཉམ་གྱི་དབང་ཆ་དང་ཐོབ་ཐང་གོ་སྐབས་བཅས་ལ་རྒྱབ་སྐྱོར་བྱས་ཡོད་ལ། ལས་ལུགས་དེར་ཁྲལ་སྡུད་གཅིག་རྐྱང་གི་ལམ་ལུགས་ཟེར། ལམ་ལུགས་དེར་ཁོང་གི་ཚེ་མཇུག་ཏུ་དམིགས་སུ་བརྩམས་ཆོས་འདིར་མངོན་འདོན་དང་འཚོལ་སྒྲུབ་བྱས་ཡོད་པ་ཞིག་ཡིན་ནོ། །
   བརྩམས་ཆོས་འདི་ནི་རྔ་བ་ཁུལ་བོད་ཡིག་རྩོམ་སྒྱུར་ཅུས་དང་གཅེས་ལོ་བོད་འགྱུར་རིག་གནས་དར་སྤེལ་ཚད་ཡོད་སྤྱི་གཉེར་ཁང་གིས་བོད་ཡིག་ཏུ་བསྒྱུར་ཅིང་། 2018ལོའི་ཟླ3པར་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན།

责任编辑:

扫一扫在手机打开当前页