当前位置: 首页 / 成果展示

གྷར་སེ་ཡ་ལ་སྤྲིངས་པའི་འཕྲིན།

发布时间:2018-12-11
字体:
访问量:
来源:
分享到:

                                           \
    གྷར་སེ་ཡ་ལ་སྤྲིངས་པའི་འཕྲིན་ཞེས་པ་འདི་ནི་དུས་རབས་བཅུ་དགུ་བའི་ནང་དུ་ཨ་རི་དང་སི་ཕེན་བར་གྱི་དམག་འཁྲུག་ཧོལ་ལངས་བྱུང་སྐབས། ཉན་ཁ་དང་ཚེ་སྲོག་ལ་མ་འཛེམས་པར་དཔའ་རྒོད་རོའོ་ཝབ་ཀྱིས་ཨ་རིའི་སྲིད་འཛིན་གྱི་གསང་འཕྲིན་དམག་དཔོན་གྷར་སེ་ཡཱ་ལ་སྤྲོད་པར་ཕྱིན་པའི་བརྒྱུད་རིམ་ཡིན་ལ། བརྒྱུད་རིམ་འདི་གཞི་བྱས་ནས་ཁེ་ལས་སྡེ་ཁག་དང་དོ་དམ་སྡེ་ཁག་གཙོ་བྱས་ནས་འགན་འཁྲིའི་འདུ་ཤེས་འཛིན་སྟངས་དང་ལས་དོན་གང་སྒྲུབ་རུང་དེ་ལ་བརྩོན་སེམས་དང་སྒུལ་ཤུགས་དགོས་པའི་སྐུལ་མའི་ལམ་སྟོན་སོགས་ཞིབ་བརྗོད་བྱས་ཡོད། མདོར་ན་རྒྱལ་ཁབ་དང་མི་རིགས་སྒེར་དོན་གང་ཡིན་རུང་གྲུབ་འབྲས་ཁུར་དུ་དུད་པ་ཞིག་དགོས་ན་དེ་ལ་དེ་དང་འདྲ་བའི་འདུ་ཤེས་འཛིན་སྟངས་དང་བློས་གཏོང་བྱེད་སྟངས་སོགས་བརྩམས་སྒྲུང་དེ་བརྒྱུད་ནས་སློབ་སྟོན་བྱས་ཡོད་ལ་སྤྱི་ཚོགས་ཀྱི་གནས་བབ་དངོས་བརྒྱུད་ནས་ར་སྤྲོད་ཀྱང་བྱས་ཡོད་དོ། །
    བརྩམས་ཆོས་འདི་ནི་རྔ་བ་ཁུལ་བོད་ཡིག་རྩོམ་སྒྱུར་ཅུས་དང་གཅེས་ལོ་བོད་འགྱུར་རིག་གནས་དར་སྤེལ་ཚད་ཡོད་སྤྱི་གཉེར་ཁང་གིས་བོད་ཡིག་ཏུ་བསྒྱུར་ཅིང་། 2018ལོའི་ཟླ3པར་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན།
 

责任编辑:

扫一扫在手机打开当前页