当前位置: 首页 / 古籍图书 / 藏文古籍图书

习近平金句 ༄༅། །ཞི་ཅིན་ཕིང་གི་གསུང་གསེར་ཞུན་མ།

发布时间:2024-03-28
字体:
访问量:
来源:州编译局
分享到:


1习近平金句 ཞི་ཅིན་ཕིང་གི་གསུང་གསེར་ཞུན་མ།

中华民族共同体意识是民族团结之本。要坚定不移走中国特色解决民族问题的正确道路,推动各民族坚定对伟大祖国、中华民族、中华文化、中国共产党、中国特色社会主义的高度认同,引导各族群众牢固树立休戚与共、荣辱与共、生死与共、命运与共的共同体理念。

——习近平2022年7月29日在中央统战工作会议上的讲话


ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ནི་མི་རིགས་མཐུན་སྒྲིལ་ཡོང་བའི་རྩ་བ་ཡིན། མི་རིགས་ཀྱི་གནད་དོན་ཐག་གཅོད་བྱེད་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་ལམ་བུ་ཡང་དག་ཐོག་བློ་རྩ་བརྟན་པོས་བསྐྱོད་དེ། མི་རིགས་ཁག་གིས་རླབས་ཆེན་མེས་རྒྱལ་དང་། ཀྲུང་ཧྭ་མི་རིགས། ཀྲུང་ཧྭའི་རིག་གནས། ཀྲུང་གོ་གུང་ཁྲན་ཏང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བཅས་ལ་འཆང་བའི་མོས་སེམས་བརྟན་དུ་བཏང་ནས་རིགས་ཁག་མང་ཚོགས་ལ་ཁྲིད་སྟོན་བྱས་ཏེ་སྐྱིད་སྡུག་མཉམ་མྱོང་དང་། ཁྲེལ་གྲགས་མཉམ་ཁུར། མཉམ་ཤི་མཉམ་གསོན། ལས་དབང་གཅིག་མཐུན་བཅས་ཀྱི་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་དགོས།  

——༢༠༢༢ལོའི་ཟླ་༧ཚེས་༢༩ཉིན་ཞི་ཅིན་ཕིང་གིས་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་ལས་དོན་ཚོགས་འདུའི་ཐོག་གནང་བའི་གསུང་བཤད།


2

习近平金句 ཞི་ཅིན་ཕིང་གི་གསུང་གསེར་ཞུན་མ།

我们要围绕满足人民日益增长的美好生活需要,加大民生保障力度,着力扩大就业,解决好人民群众急难愁盼问题,加强对困难群体兜底帮扶,巩固拓展脱贫攻坚成果,全面推进乡村振兴,扎实推进共同富裕,不断增强人民群众获得感、幸福感、安全感。

——习近平2023年9月28日在庆祝中华人民共和国成立74周年招待会上的讲话


ང་ཚོས་མི་དམངས་ཀྱི་ཉིན་རེ་བཞིན་ཆེ་རུ་འགྲོ་བའི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོ་སྐོང་བར་དམིགས་ནས་དམངས་འཚོ་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ལས་ཞུགས་བྱེད་རྒྱ་ཆེ་རུ་གཏོང་བ། མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ཐག་གཅོད་བྱེད་པ། དཀའ་ངལ་ཡོད་པའི་མང་ཚོགས་ལ་ཐ་སྐྱོང་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། དབུལ་གྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ། གྲོང་གསེབ་དར་རྒྱས་ཡོང་བར་ཁྱོན་ཡོངས་ནས་སྐུལ་འདེད། ཐུན་མོང་ཐོག་ཕྱུག་པོར་འགྱུར་བར་སྐུལ་འདེད་ཏན་ཏིག་བཅས་བྱས་ནས་མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཟམ་མི་ཆད་པར་ཟབ་ཏུ་གཏོང་དགོས།     

——༢༠༢༣ལོའི་ཟླ་༩ཚེས་༢༨ཉིན་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་༧༤འཁོར་བར་རྟེན་འབྲེལ་ཞུ་བའི་སྣེ་ལེན་ཚོགས་འདུའི་ཐོག་ཞི་ཅིན་ཕིང་གིས་གནང་བའི་གསུང་བཤད།


3

习近平金句 ཞི་ཅིན་ཕིང་གི་གསུང་གསེར་ཞུན་མ།

我们的目标不是少数人的富裕,而是全体人民共同富裕。就业、教育、医疗、托幼、养老、住房、环境,这些老百姓的身边事、贴心事、具体事正不断融入中国国家发展的顶层设计,不断变成老百姓的获得感、幸福感、安全感。我们将继续推动高质量发展,让现代化成果惠及全体人民。

——习近平2023年11月15日在美国友好团体联合欢迎宴会上的演讲

ང་ཚོའི་དམིགས་ཡུལ་ནི་མི་ཉུང་ཤས་ཤིག་ཕྱུག་པོ་ཆགས་པ་བྱ་རྒྱུ་དེ་མ་ཡིན་པར་མི་དམངས་ཁྱོན་ཡོངས་ཐུན་མོང་ཐོག་ཕྱུག་པོ་ཆགས་པ་བྱ་རྒྱུ་དེ་ཡིན། ལས་ཞུགས་དང་། སློབ་གསོ། སྨན་བཅོས། བྱིས་བཅོལ། རྒན་གསོ། སྡོད་ཁང་། ཁོར་ཡུག་བཅས་མང་ཚོགས་ཉེ་འགྲམ་གྱི་བྱ་བ་དང་། བློ་ཐག་ཉེ་བའི་བྱ་བ། ཞིབ་ཕྲའི་བྱ་བ་བཅས་ཀྲུང་གོའི་རྒྱལ་ཁབ་གོང་འཕེལ་གཏོང་བའི་རྩེ་རིམ་ཇུས་འགོད་ནང་ཟམ་མི་ཆད་པར་བཅུག་པར་བརྟེན། ཟམ་མི་ཆད་པར་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་སྣང་བཅས་སུ་གྱུར་ཡོད། ང་ཚོས་སྤུས་དག་གོང་འཕེལ་ལ་མུ་མཐུད་སྐུལ་འདེད་བཏང་ནས་དེང་རབས་ཅན་གྱི་གྲུབ་འབྲས་ཀྱིས་མི་དམངས་ཡོངས་ལ་ཕན་པ་ཐོབ་པ་བྱ་རྒྱུ་ཡིན། 

——ཞི་ཅིན་ཕིང་གིས་༢༠༢༣ལོའི་ཟླ་༡༡ཚེས་༡༥ཉིན་ཨ་རིའི་མཛའ་གྲོགས་ཚོགས་པའི་མཉམ་འབྲེལ་ཕེབས་བསུའི་གསོལ་སྟོན་ཐོག་གནང་བའི་གསུང་བཤད།


4

习近平金句 ཞི་ཅིན་ཕིང་གི་གསུང་གསེར་ཞུན་མ།

面对前所未有的世界之变、时代之变和历史之变,人类社会必须团结起来,坚持互学互鉴、开放包容、合作共赢,弘扬全人类共同价值,共同建设更加美好的世界。

——习近平2023年12月4日致“2023从都国际论坛”的贺信


སྔར་བྱུང་མྱོང་མེད་པའི་འཛམ་གླིང་གི་འགྱུར་ལྡོག་དང་། དུས་རབས་ཀྱི་འགྱུར་ལྡོག །ལོ་རྒྱུས་ཀྱི་འགྱུར་བ་བཅས་ཀྱི་མདུན་དུ་མིའི་རིགས་ཀྱི་སྤྱི་ཚོགས་ངེས་པར་དུ་མཐུན་སྒྲིལ་བྱེད་དགོས་པ་དང་། ཕན་ཚུན་སློབ་སྦྱོང་དང་མིག་ལྟོས། སྒོ་དབྱེ་དང་ཁོང་ཡངས། མཉམ་ལས་གཉིས་ཕན་བཅས་བྱ་རྒྱུ་མཐའ་འཁྱོངས་ཐོག །མིའི་རིགས་ཡོངས་ཀྱི་ཐུན་མོང་གི་རིན་ཐང་དར་སྤེལ་བཏང་ནས་སྔར་ལས་མཛེས་སྡུག་ལྡན་པའི་འཛམ་གླིང་ཞིག་ཐུན་མོང་ཐོག་འཛུགས་སྐྲུན་བྱེད་དགོས།

——ཞི་ཅིན་ཕིང་གིས་༢༠༢༣ལོའི་ཟླ་༡༢ཚེས་༤ཉིན“ཚུང་ཏུའུ་རྒྱལ་སྤྱིའི་གླེང་སྟེགས”ལ་སྤྲིངས་པའི་ཤིས་འཕྲིན།


5

习近平金句 ཞི་ཅིན་ཕིང་གི་གསུང་གསེར་ཞུན་མ།

辛勤劳作的农民,埋头苦干的工人,敢闯敢拼的创业者,保家卫国的子弟兵,各行各业的人们都在挥洒汗水,每一个平凡的人都作出了不平凡的贡献!人民永远是我们战胜一切困难挑战的最大依靠。

——习近平2023年12月31日发表的二〇二四年新年贺词


དཀའ་ངལ་ཁྱད་བསད་ཀྱིས་ངལ་རྩོལ་བྱེད་མཁན་ཞིང་པ་དང་། བློ་རྩ་གཅིག་སྒྲིམ་གྱིས་ལས་ཀ་བྱེད་མཁན་བཟོ་པ། བློ་སྟོབས་ཆེན་པོས་འབད་འཐབ་བྱེད་མཁན་ལས་གཏོད་པ། ཁྱིམ་སྲུང་རྒྱལ་སྐྱོབ་བྱེད་མཁན་བུ་ཕྲུག་དམག་བཅས་ལས་རིགས་ཁག་གི་མི་སྣ་ཚང་མས་རྔུལ་ཆུའི་ཐིགས་པ་ས་ལ་བསྐྱུར་ཡོད་ལ་སྐྱེ་བོ་མི་རེ་ངོ་རེས་སྤྱིར་བཏང་མིན་པའི་ལེགས་སྐྱེས་ཤིག་ཕུལ་ཡོད། མི་དམངས་ནི་ནམ་ཡང་ང་ཚོས་དཀའ་ངལ་དང་འགྲན་སློང་མཐའ་དག་ལས་རྣམ་པར་རྒྱལ་བར་བྱེད་པའི་རྒྱབ་རྟེན་ཆེ་ཤོས་དེ་ཡིན།

——ཞི་ཅིན་ཕིང་གིས་༢༠༢༣ལོའི་ཟླ་༡༢ཚེས་༣༡ཉིན་གནང་བའི་༢༠༢༣ལོའི་ལོ་གསར་གྱི་ཤིས་ཚིག


6

习近平金句 ཞི་ཅིན་ཕིང་གི་གསུང་གསེར་ཞུན་མ།

我们的目标很宏伟,也很朴素,归根到底就是让老百姓过上更好的日子。孩子的抚养教育,年轻人的就业成才,老年人的就医养老,是家事也是国事,大家要共同努力,把这些事办好。

——习近平2023年12月31日发表的二〇二四年新年贺词


ང་ཚོའི་དམིགས་ཡུལ་ནི་བརྗིད་ཉམས་ཆེ་ལ་བབ་ཆགས་པ་ཞིག་ཡིན། མཐར་གཏུགས་ནས་བཤད་ན། མང་ཚོགས་རྣམས་དེ་བས་སྐྱིད་པའི་འཚོ་བ་ཞིག་སྐྱེལ་དུ་འཇུག་རྒྱུ་དེ་ཡིན། བྱིས་པའི་གསོ་སྐྱོང་དང་སློབ་གསོ། ན་གཞོན་གྱི་ལས་ཞུགས་དང་འཚར་ལོངས། རྒན་རྒོན་གྱི་སྨན་བཅོས་དང་རྒན་གསོ་བཅས་ནི་ཁྱིམ་དོན་ཡིན་ལ་རྒྱལ་དོན་ཡང་ཡིན་པས་ཚང་མས་མཉམ་དུ་འབད་བརྩོན་བྱས་ཏེ་བྱ་བ་འདི་དག་གང་ལེགས་སྒྲུབ་དགོས།

——ཞི་ཅིན་ཕིང་གིས་༢༠༢༣ལོའི་ཟླ་༡༢ཚེས་༣༡ཉིན་གནང་བའི་༢༠༢༣ལོའི་ལོ་གསར་གྱི་ཤིས་ཚིག


来源:拉萨市藏语委办

责任编辑:州编译局

扫一扫在手机打开当前页